༡༩༦༢ ཟླ་ ༣ ཚེས་ ༢༠ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་དང་པོ་ལུགས་ཟུང་བསམ་གྲུབ་གླིང་ལ་ཆིབས་སྒྱུར་དང་པོ་དེ་གནང་ནས་གཞིས་ཆགས་མི་མང་ལ་བཀའ་སློབ་གནང་འདུག་པ་དང་། ཐེངས་འདིའི་ལམ་སྟོན་ནང་བཀའ་སློབ་དེ་ནས་ཟུར་འདོན་ཞུས་པ་ཞིག་སྙན་སྒྲོན་ཞུ་རྒྱུ་ཡིན།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྲིད་བློན་དམ་པ་ནཱ་རཱ་སིམ་ཧ་མཆོག་གི་རྗེས་དྲན་གཟེངས་རྟགས་ དེ་སྲིད་བློན་དམ་པའི་རྗེས་དྲན་ཐེབས་རྩའི་སྐུ་ཚབ་ཚོགས་ཆུང་གིས་ཕྱི་ཟླ་༥ ཚེས་༨ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འབུལ་ལམ་ཞུས་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་ངོ་སྤྲོད་བྱས།
ལམ་སྟོན། ཅམ་པ་ལམ་བཟོར་ཡོད་པའི་བོད་མི་ཚོར་བསྩལ་པའི་བཀའ་སློབ་ནས་ཟུར་འདོན། ༡༩༦༠ ཕྱི་ཟླ་ ༧ ཚེས་ ༢ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཅམ་པར་ཡོད་པའི་བོད་པ་ལམ་བཟོ་བ་ཚོའི་གནས་སྟངས་ལ་ཐུགས་ཞིབ་དང་བཀའ་སློབ་གནང་ཡོད་པ་རེད། ད་རིང་གི་ལམ་སྟོན་ནང་བཀའ་སློབ་དེ་ནས་ཟུར་འདོན་ཞུས་པ་ཞིག་སྙན་སྒྲོན་ཞུ་རྒྱུ་ཡིན།
ལམ་སྟོན། གསུམ་བཅུའི་དུས་དྲན་ཐེངས་དང་པོར་བསྩལ་པའི་བཀའ་སློབ་ནས་ཟུར་འདོན། མ་སུ་རི། ༡༩༦༠།༣།༡༠ ཐེངས་འདིའི་ལམ་སྟོན་ནང་ ༡༩༦༠ ཟླ་བ་ ༣ ཚེས་ ༡༠ ཉིན་རྒྱ་གར་བྱང་ཕྱོགས་མ་སུ་རིར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་དང་པོར་བསྩལ་པའི་གསུང་འཕྲིན་ནས་ཟུར་འདོན་ཞུས་པའི་བཀའ་སློབ་ཁག་གཅིག་སྙན་སྒྲོན་ཞུ་རྒྱུ་ཡིན།
ཨ་རིའི་མི་ནེ་སོཊ་ནང་བོད་ཕྲུག་ཆེད་དུ་ཅ་ཊྲར་སློབ་གྲྭ་གསར་བཙུགས་ཆོག་པའི་བཀའ་འཁྲོལ་བྱུང་ཡོད་པ་སོགས་ཀྱི་སྐོར་ཐུབ་བསྟན་ཟླ་གྲགས་ལགས་ཀྱིས་༧གོང་ས་མཆོག་མཇལ་ཞུ་བརྒྱུད་སྙན་གསན་ཞུས་ཡོད་པའི་སྐོར།
དེ་རིང་ལམ་སྟོན་ཞེས་པའི་༧གོང་ས་མཆོག་གི་བཀའ་སློབ་ལས་བཏུས་པའི་ལས་རིམ་ནང་ ༡༩༦༠ ཟླ་ ༢་ཚེས་ ༥ ཉིན་གནས་མཆོག་རྡོ་རྗེ་གདན་དུ་མནའ་གན་མཐུ་མོ་ཆེ་ཕུལ་རྗེས་བཀའ་སློབ་བསྩལ་པ་ནས་ཟུར་འདོན་ཞུས་པ་དེར་གསན་རོགས་གནང་།
སྟོན་པ་ཐུབ་པའི་དབང་པོའི་ཕྱག་གི་རིང་བསྲེལ་ཞིག་སྤྱི་ཟླ་ ༤ ཚེས་ ༤ ཉིན་ཤྲི་ལངྒའི་དགེ་འདུན་འདུས་ཚོགས་ཀྱིས་བཞུགས་སྒར་དྷ་རམ་ས་ལར་གདན་འདྲེན་ཞུས་ཏེ་༧གོང་ས་མཆོག་ལ་འབུལ་བ་དང་། རིང་བསྲེལ་གདན་ཞུའི་སྐབས་མགོན་པོ་གང་ཉིད་མཆོག་ཕོ་བྲང་གི་གཟིམས་སྒོར་རིང་བསྲེལ་སྤྱན་འདྲེན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་རེད།
༧གོང་ས་མཆོག་ལ་སྟོད་པ་གཞིས་བྱེས་མི་མང་དང་སྤུ་ཧྲེང་མི་མང་ཐུན་མོང་གིས་དེ་རིང་ཕྱི་ཟླ་ ༤ ཚེས་ ༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་རྡོ་རྗེ་སློབ་དཔོན་མཛད་དེ་སྒྲོལ་དཀར་ཚེ་སྦྱིན་ཡེ་ཤེས་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
ལམ་སྟོན། རྡོ་རྗེ་གདན་དུ་བསྩལ་པའི་བཀའ་སློབ།
ཨ་རི་རླུང་འཕྲིན་ཁང་གིས་༧གོང་ས་མཆོག་གི་༧སྐུའི་གོ་སྟོན་དང་འབྲེལ་བའི་ལས་རིམ་ཁོངས་ལམ་སྟོན་ཞེས་པའི་༧གོང་ས་མཆོག་གི་བཀའ་སློབ་ལས་བཏུས་པའི་བདུན་རེའི་ལས་རིམ་ངོ་སྤྲོད་ཞུས་པ་དེར་གསན་རོགས་གནང་།
༄༅། །ཇར་མ་ནིའི་ཧེམ་སྦག་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ཨ་ནཱ་ཨེ་ལི་ཛ་བྷེཊ་ལགས་དང་། །ལྡི་ལིར་རྟེན་གཞི་བྱས་པའི་འཇར་མན་རོགས་ཚོགས་བཅས་ནས་ སྤྱི་ཟླ་༣ཚེས་༢༥ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་མཆོག་གི་མཇལ་བཅར་ཞུས་ཡོད་པའི་སྐོར་བསྟན་འཛིན་འོས་ལྡན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཏཱ་ལའི་བླ་མའི་གཞོན་སྐྱེས་འགོ་ཁྲིད་ཀྱི་ལས་འཆར་གོ་སྒྲིག་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། དེ་རིང་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན་མགོན་པོ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཡོད་པ་རེད།
མང་སྣོན།