རེས་གཟའ་པ་སངས་ཀྱི་དགོང་མོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནཱིང་བྷུ་ལིན་ཁེན་མཆོག་གིས་ཨ་རིའི་རིག་མཛོད་མཱ་ཁིན་ཞིབ་འཇུག་ཁང་དུ་ཨ་རི་དང་ལྟ་སྤྱོད་མཐུན་པའི་རྒྱལ་ཁབ་ཁག་མཉམ་འབྲེལ་གྱི་ཐོག་ནས་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་དང་འགྲན་རྩོད་བྱ་རྒྱུ་ཡིན་པ་གསུངས་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨུ་ཡུག་གཉིས་དབར་དམག་འཐབ་དྲག་པོ་མུ་མཐུད་བཞིན་པའི་སྐབས་འདིར། ཨུ་རུ་སུས་ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་ཐོ་གཞུང་ནག་པོའི་ནང་བཅུག་པར་མ་ཟད། ནུབ་ཆིངས་དང་མཉམ་འབྲེལ་གྱིས་དམག་འཁྲུག་ལངས་པའི་ཉེས་འཛུགས་བྱ་འཆར་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
གཟའ་སྤེན་པར་ཨི་ཇིབ་ཊིའི་གྲོང་ཁྱེར་ཁའེ་རོ་རུ་ཨི་སི་རལ་དང་ཧ་མ་སིའི་དབར་ལ་མེ་འཕེན་མཚམས་འཇོག་དང་མི་གཏའ་གློད་གྲོལ་ཡོང་རྒྱུའི་གྲོས་མོལ་བསྐྱར་དུ་ཚོགས་སྐབས་ཧ་མ་སིའི་སྐུ་ཚབ་བཏང་ཡོད་པས་གྲོས་མོལ་ལ་རེ་བ་ཡོད་པའི་རྣམ་པ་ཐོན་ཡོད་པའི་སྐོར་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཧྥ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་དང། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཧྥ་རན་སིའི་སྲིད་འཛིན་ལ་རྒྱ་ནག་གི་འགོ་ཁྲིད་ཐུག་འཕྲད་སྐབས་སུ་བོད་དོན་གླེང་སློང་དགོས་པའི་དགོས་འདུན་བཏོན་ཡོད་པའི་སྐོར་རིག་འཛིན་གྱིས་གནས་ཚུལ་སྙན་སྒྲོན་ཞུས་ཡོད།
ཨི་སི་རལ་གྱི་གཏོར་རྒོལ་ལ་ངོ་རྒོལ་དང་། པ་ལི་སི་ཐན་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་གྱི་ངོ་རྒོལ་ལས་འགུལ་དེ་བཞིན་ད་ཆ་རིམ་བཞིན་གོ་ལའི་ཁྱོན་ཡོངས་སུ་ཁྱབ་བཞིན་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་༢༠༢༤ ལོའི་ལོ་འཁོར་སྙན་ཐོའི་ནང་། རྒྱ་ནག་དང་ཨུ་རུ་སུ་གཉིས་ནི་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་བྱེད་མཁན་སྡུག་ཤོས་ཡིན་པར་མ་ཟད། རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་ལ་དྲག་གནོན་དང་རྒྱ་ནག་ཅན་དུ་སྒྱུར་བའི་ཤུགས་ཇེ་ཆེར་བཏང་ཡོད་པའི་སྐོར་འདིར་གསལ།
སྲིད་སྐྱོང་མཆོག་གིས་སུད་སིའི་གྲོས་ཚོགས་འཐུས་མི་སོགས་ལ་མཇལ་འཕྲད། ཡུ་ཀེ་རན་གྱི་ཤར་ཕྱོགས་གྲོང་ཁྱེར་ཞིག་ལ་རྒོལ་རྡུང་མུ་མཐུད་དུ་ཕོག་པ། སོ་ལོ་མོན་གླིང་ཕྲན་གྱི་སྲིད་བློན་གསར་པ་འདམས་ཟིན་པ། ཨ་རིའི་དབུས་དངུལ་ཁང་གིས་སྐྱེས་ཀའི་ཚད་གཞི་རང་སོར་བཞག་པ།
འདས་པའི་བདུན་ཕྲག་ཁ་ཤས་ཀྱི་རིང་ལ། ཨ་རིའི་ས་ཆ་གང་སར་ཕ་ལི་སི་ཐན་ལ་རྒྱབ་སྐྱོར་གྱི་ངོ་རྒོལ་ལས་འགུལ་ཤུགས་ཆེ་རུ་ཕྱིན་པ་དང་། སྲིད་འཛིན་འོས་བསྡུ་དང་འབྲེལ་ནས་ངོ་རྒོལ་ལས་འགུལ་འདིས་སྲིད་འཛིན་བྷ་ཌན་ལ་དཀའ་ངལ་འཕར་མ་ཞིག་སྤྲད་ཡོད་པའི་གནས་ཚུལ་དཀོན་མཆོག་དོན་གྲུབ་ནས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུས་ཡོད།
ཨི་སི་རེལ་གྱི་སྲིད་བློན་གྱིས་གྷ་ཛའི་ལྷོ་ཕྱོགས་གྲོང་ཁྱེར་ར་ཧྥ་རུ་དམག་གཏོང་རྒྱུ་ཐག་གཅོད་གནང་ཡོད་པ་དང་། ཨ་རིའི་དམག་སྡེ་ཡིས་གྷ་ཛའི་མཚོ་འགྲམ་དུ་འབབ་ཚིགས་གསར་བཟོ་བྱེད་བཞིན་ཡོད་པ་དེ་ནི་མི་དམངས་ལ་རོགས་རམ་གནང་ཆེད་རེད། གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ཨ་རིའི་བཟོ་སྐྲུན་དམག་མི་དེ་དག་གི་བདེ་འཇགས་ལ་བློ་འཚབ་ཡོད་པ་བསྟན།
༄༅། ཨི་ཌ་ལི་ཡི་སྤྲོ་གསེང་མཚོ་གླིང་ཀབ་རི་ལ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མཁན་མང་དྲགས་ཏེ་ས་གནས་ཡུལ་མིའི་འགྲོ་འདུག་སྤྱོད་གསུམ་སོགས་གང་ཅིར་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
༄༅། སྲུ་རྡན་ཡུལ་དུ་མུ་གེ་བཀྲེས་ལྟོག་གི་མནར་བའི་རྐྱེན་གྱིས་ཡུལ་མི་འགའ་ཞིག་གིས་ས་དང་ཐལ་བ་ ལོ་མ་སོགས་བཟའ་དགོས་པའི་གནས་སྟངས་ཆགས་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
ཨི་སི་རེལ་དང་ཧ་མ་སི་ཡི་དབར་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་ཡོང་རྒྱུར་ལམ་ལྷོངས་བྱུང་མེད་ཀྱང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་རེས་གཟའ་ཟླ་བའི་ཉིན་དཀྱིལ་ཤར་མངའ་ཁུལ་དུ་ཕེབས་ནས་ད་ལྟའི་དམག་འཁྲུག་འདི་མཇུག་སྒྲིལ་བྱས་པའི་རྗེས་མངའ་ཁུལ་དེའི་ནང་མི་མང་གི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་ཐབས་སོགས་སུ་གྲོས་མོལ་རིམ་པ་ཞིག་གནང་ཡོད།
མང་སྣོན།